中央人民政府 | 青海省人民政府 | 黄南州政务在线
您现在的位置:首页 / 信息公开 - 文章内容

河南蒙古族自治县生态环境保护条例(藏汉)(32-37)

来源:河南县委宣传部|时间:2017-08-19 12:03

河南蒙古族自治县生态环境保护条例(32-37)

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག(32-37)

第五章  监督管理

ས་བཅད་ལྔ་བ།     ལྟ་སྐུལ་དོ་དམ།


第三十二条  自治县实行环境保护目标责任制和考核评价制度。自治县人民政府应当将生态环境保护目标完成情况纳入对乡(镇)人民政府和负有生态环境保护监督管理职责的部门及其负责人的考核内容,作为对其考核评价的重要依据,考核结果向社会公开。

自治县人民政府应当每年向自治县人民代表大会或者人民代表大会常务委员会报告生态环境状况和生态环境保护目标完成情况,对重大环境事件的处理结果应当及时向本级人民代表大会常务委员会报告,依法接受监督。

དོན་ཚན་སོ་གཉིས་པ།  རང་སྐྱོང་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་འགན་འཁྲིའི་ལམ་ལུགས་དང་དཔྱད་ཞིབ་གདེང་འཇོག་ལམ་ལུགས་ལག་བསྟར་བྱེད་དགོས།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་དེ་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་གྱི་འགན་ཁུར་ཡོད་པའི་ལས་ཁུངས་དང་འགན་འཁུར་བའི་དཔྱད་ཞིབ་ཀྱི་ ནང་དོན་ནང་དུ་བཞག་ནས།    ཁོ་ཚོར་དཔྱད་ཞིབ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ།   དཔྱད་ཞིབ་མཇུག་འབྲས་སྤྱི་ཚོགས་སྟེང་བསྒྲགས་དགོས།

རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེར་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་དང་།      ཁོར་ཡུག་གི་དོན་རྐྱེན་ཚབས་ཆེན་ཐག་བཅད་པའི་མཇུག་འབྲས་དེ་དུས་ཐོག་ཏུ་རིམ་མཉམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ ཏེ།  ཁྲིམས་ལྟར་ལྟ་སྐུལ་དང་ལེན་བྱེད་དགོས།

第三十三条  自治县人民政府及其有关部门应当严格落实生态环境损害责任追究制度,对造成生态环境损害的责任者严格依据法律法规的规定追究行政、民事及其他法律责任。

དོན་ཚན་སོ་གསུམ་པ།     རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་འབྲེལ་ ཡོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་གྱོང་གུན་ཐེབས་པའི་འགན་འཁུར་རྩད་གཅོད་ལམ་ལུགས་དངོས་འབེབ་ནན་མོ་བྱས་ཏེ།    སྐྱེ་ཁམས་ཁོར་ཡུག་ལ་གྱོད་གུན་བཟོས་པའི་འགན་འཁུར་བར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་དེའི་སྲིད་འཛིན་དང་དམངས་དོན་གྱི་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།         

第三十四条  自治县人民政府应当对自然资源开发和生产建设项目实行严格管理。

新建、改建、扩建项目,应当符合国家有关生态环境保护法律、法规的规定,开发、建设单位应当提交生态环境影响评价报告,未通过环境影响评价的,有关部门不得办理相关手续。

兴修公路、铁路、采矿、通讯、水利电力工程和其他从事开发建设项目,应当制定水土保持方案,并报水行政主管部门审查同意。

དོན་ཚན་སོ་བཞི་བ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་ཐོན་ཁུངས་གསར་སྤེལ་དང་ཐོན་སྐྱེད་འཛུགས་སྐྲུན་གྱི་ལས་གཞིར་དོ་དམ་ནན་མོ་བྱེད་དགོས། 

ལས་གཞི་གསར་འཛུགས་དང་བསྒྱུར་སྐྲུན།   རྒྱ་བསྐྱེད་པར། ངེས་པར་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་འཚམ་དགོས།  གསར་སྤེལ་དང་འཛུགས་སྐྲུན་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཞུ་ཡིག་སྤྲོད་དགོས་ཤིང་།     ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་མ་བརྒྱུད་པར།  འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་མི་ཆོག  

གཞུང་ལམ་དང་ལྕགས་ལམ།  གཏེར་ཁ་འདོན་པ།  འཕྲིན་གཏོང་།  ཆུ་བེད་ གློག་ཤུགས་བཟོ་སྐྲུན་འཛུགས་པ་དང་གཞན་ཡང་ལས་གཞི་འཛུགས་སྐྲུན་དང་གསར་སྤེལ་བྱེད་པར།  ངེས་པར་དུ་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་གཏན་ལ་འབེབ་ པ་དང་།   དེ་དང་ཆབས་ཅིག་ཆུའི་སྲིད་འཛིན་གཙོ་གཉེར་ལས་ཁུངས་ཀྱིས་ཞིབ་  བཤེར་འཐད་མོས་འབྱུང་བར་ཡར་ཞུ་བྱ་དགོས།  

第三十五条  凡排放废气、废水、废渣和医疗垃圾等污染物的单位或者个体工商户,应当向自治县环境保护行政主管部门申领排污许可证,并执行国家规定的污染物排放标准。

དོན་ཚན་སོ་ལྔ་བ།    བརྫད་དབུགས་དང་བརྫད་ཆུ།  བརྫད་སྙིགས་དང་སྨན་བཅོས་གད་སྙིགས་སོགས་ཕྱུང་ཕུད་ཀྱི་འབག་བཙོག་དངོས་པོའི་ལས་ཁུངས་སམ་ཡང་ན་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་ངེས་པར་དུ་རང་སྐྱོང་རྫོང་ཁོར་ཡུག་སྲུང་ སྐྱོབ་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་འབག་བཙོག་ཕྱུང་ཕུད་ཀྱི་ཆོག་མཆན་འཛིན་ཡིག་ལེན་པ་དང་།   དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འབག་བཙོག་དངོས་པོ་ཕྱུང་ཕུད་ཀྱི་ཚད་གཞི་ལག་བསྟར་བྱེད་དགོས།

第三十六条  自治县人民政府国土资源和林业环保、农牧科技、水利、交通等行政主管部门及其他负有环境保护监督管理职责的部门,应当加大执法力度,加强对草原、林地、湿地、河流的保护利用和监督管理,依法禁止下列行为:

(一)在草原、林地、湿地、河道从事开垦、采矿、采砂、采石、揭取草皮、取土、采集泥炭、毁林的行为;

(二)在荒漠、半荒漠和严重退化、沙化、盐碱化和水土流失的草原以及生态脆弱区的草原上采挖植物和从事破坏草原植被的行为;

(三)超过核定载畜量放牧、违法征占用草原和违反草原防火管理工作的行为;

(四)填埋、占用湿地或者改变湿地用途;排放湿地蓄水或者修建阻水、排水设施,截断湿地与外围水系联系的行为;

(五)向草原、林地、湿地、河道等随意投放有毒有害物质、倾倒固体废弃物、排放污水的行为;

(六)在幼林地、封山封沙育林地内砍柴、放牧的行为;

(七)毁损、移动草原、林地、湿地、河道保护设施设备和界桩、标牌的行为。

དོན་ཚན་སོ་དྲུག་པ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་རྒྱལ་ཁོངས་ཐོན་ཁུངས་དང་ནགས་ལས་ཁོར་ཡུག་སྲུང་སྐྱོབ།   ཞིང་ཕྱུགས་ཚན་རྩལ།  ཆུ་བེད།     འགྲིམ་འགྲུལ་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་གཞན་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་སྡེ་ཁག་གིས་ངེས་པར་དུ་ཁྲིམས་བསྟར་ནུས་ཤུགས་ཇེ་ཆེར་བཏང་ནས།  རྩྭ་ས་དང་ནགས་ཚལ།  བརླན་ས།  ཆུ་རྒྱུན་གྱི་སྲུང་སྐྱོབ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས།  ཁྲིམས་ལྟར་གཤམ་གྱི་བྱ་སྤྱོད་དག་གཏན་འགོག་བྱ་དགོས།

(གཅིག)རྩྭ་ས་དང་ནགས་ཚལ།  བརླན་ས།  ཆུ་བོ་ཡོད་སར་གསལ་སྦོལ་དང་གཏེར་འདོན།   བྱེ་འདོན།  རྡོ་རྐོ།  སྤང་ཤུན་ལེན་པ། ས་རྐོ་བ། འདམ་སོལ་བསྡུ་ཉར།  ནགས་ཚལ་གཏོར་བརླག་བྱེད་པ།  

(གཉིས)བྱེ་ཐང་དང་ས་བྱེ་འདྲེས་མ།   རྩྭ་ས་ཞན་འགྱུར་དང་བྱེ་འགྱུར།   བ་ཚྭ་ཅན།  ས་ཆུ་ཤོར་བ་ཚབས་ཆེ་བའི་རྩྭ་ས་དང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་རྩྭ་སའི་སྟེང་རྩི་ཤིང་འཐུ་བ་དང་རྩྭ་སའི་སྤང་ཤུན་ལ་གཏོར་བརླག་བྱེད་པའི་བྱ་འགུལ་སྤེལ་བ།

(གསུམ)རྩྭ་སའི་ཐེག་ཚད་ཀྱི་གཏན་འབེབས་ལས་བརྒལ་ཏེ་ཕྱུགས་འཚོ་བ་དང་།  ཁྲིམས་འགལ་གྱིས་རྩྭ་ས་བཙན་བཟུང་དང་བསྡུ་ལེན་བྱེད་པ།  རྩྭ་སའི་མེ་འགོག་དོ་དམ་བྱ་བར་འགལ་བ།

(བཞི)བརླན་ས་གསབ་སྐོང་དང་།  འཛིན་སྤྱོད་བྱེད་པའམ་བརླན་སའི་སྤྱོད་སྒོ་བསྒྱུར་བ།  བརླན་སའི་གསོག་ཆུ་ཕྱིར་གཏོང་ངམ་ཡང་ན་ཆུ་འགོག་ཆུ་འབུད་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ།   བརླན་ས་དང་ཕྱི་རོལ་གྱི་ཆུ་འབྲེལ་གཅོད་པ།

(ལྔ)རྩྭ་ས་དང་ནགས་ཚལ།  བརླན་ས།  ཆུ་བོ་སོགས་སུ་གང་འདོད་ཀྱིས་དུག་འདུས་གནོད་ཡོད་ཀྱི་དངོས་པོ་དང་།  སྲ་གཟུགས་བེད་མེད་དངོས་པོ།  བཙོག་ཆུ་ ཕྱིར་གཏོང་བྱེད་པ།  

(དྲུག)  ནགས་ཚལ་གསར་སྐྱེས་དང་རི་རྒྱ་བྱེ་འགོག་ནགས་གསོའི་ཁུལ་དུ་  ནགས་གཅོད་པ་དང་ཕྱུགས་འཚོ་བ།

(བདུན)རྩྭ་ས་དང་ནགས་ཚལ།  བརླན་ས།  ཆུ་བོ་སྲུང་སྐྱོབ་ཀྱི་སྒྲིག་ཆས་དང་ས་མཚམས་རྡོ་རིང་།  འགེལ་བྱང་སོགས་རྩ་མེད་དུ་གཏོང་བ་དང་གནས་སྤོར་ བ་བཅས་སོ།  

第三十七条  企业事业单位和其他生产经营者违反法律、法规规定排放污染物,造成或者可能造成严重污染的,自治县人民政府环境保护主管部门和其他负有环境保护监督管理职责的部门,可以查封、扣押造成污染物排放的设施、设备。发生生态环境污染和破坏事故的,由环境保护行政主管部门会同有关主管部门调查处理。

དོན་ཚན་སོ་བདུན་པ།  ཁེ་ལས་དོན་ལས་ལས་ཁུངས་དང་ཐོན་སྐྱེད་ལས་གཉེར་བ་གཞན་པས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་འབག་བཙོག་དངོས་པོ་ཕྱིར་བཏང་ནས་ཁོར་ཡུག་འབག་བཙོག་ཚབས་ཆེན་བཟོ་ངེས་པར།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་ཁོར་ཡུག་སྲུང་སྐྱོབ་གཙོ་གཉེར་སྡེ་ཁག་དང་།  ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་གྱི་འགན་ཁུར་བའི་ལས་ཁུངས་གཞན་པས་འབག་བཙོག་བཟོ་བའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་སྒོ་རྒྱག་པ་དང་བཀག་ཉར་བྱ་ཆོག   སྐྱེ་ཁམས་ཁོར་ཡུག་འབག་བཙོག་དང་གཏོར་བརླག་ཐེབས་པའི་དོན་རྐྱེན་བྱུང་བར།  ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ གཙོ་གཉེར་སྡེ་ཁག་དང་མཉམ་དུ་བརྟག་དཔྱད་ཐག་གཅོད་བྱ་དགོས།  

(续 མུ་འགོད)



Copyright 2015 青海省河南蒙古族自治县人民政 版权所有 青海省河南蒙古族自治县人民政府办公室制作

地址:青海省黄南州河南蒙古族自治县东大街152号 邮编:811500 电话:0973-8762592 8763856

青ICP备11000324号-1    青公网安备 63232402000001号

建议使用IE7或更高版本浏览器,1366×768以上分辩率浏览