中央人民政府 | 青海省人民政府 | 黄南州政务在线
您现在的位置:首页 / 信息公开 - 文章内容

河南蒙古族自治县生态环境保护条例(藏汉)(25-31)

来源:河南县委宣传部|时间:2017-08-19 12:00

河南蒙古族自治县生态环境保护条例(25-31)

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག(25-31)

第四章  保障机制

ས་བཅད་བཞི་པ།   འགན་སྲུང་རྐྱེན་སྲོལ།

第二十五条  自治县人民政府应当将生态环境保护资金纳入财政预算,加大投入力度,通过预算安排、资金整合、财政贴息、投资补助、减免行政收费等方式,支持生态环境保护与建设,发挥公共财政在生态环境保护与建设方面的导向作用。


དོན་ཚན་ཉེར་ལྔ་བ།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་དུ་འཇོག་པ་དང་།མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ།   སྔོན་རྩིས་བཀོད་སྒྲིག་དང་མ་དངུལ་ཆིག་སྒྲིལ།  ནོར་སྲིད་ཀྱི་སྐྱེད་ཀ་སྦྱོར་བ།    དངུལ་གཏོང་ཁ་གསབ།     སྲིད་འཛིན་བསྡུ་དངུལ་ཆག་ཡང་སོགས་ཀྱི་ཐབས་ལམ་བརྒྱུད་ནས།     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ།    སྤྱི་བའི་ནོར་སྲིད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།

第二十六条  自治县人民政府应当创新投融资模式,吸引、鼓励和支持社会资金、生态环境保护基金、企业和个人捐助等多种形式参与生态环境保护与建设,鼓励金融机构在信贷融资等方面支持生态环境保护与建设。支持、鼓励群众自筹资金,开展生态环境治理。


དོན་ཚན་ཉེར་དྲུག་པ།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མ་དངུལ་རུབ་གཏོང་གི་མ་དཔེ་གསར་གཏོད་བྱས་ཏེ།  སྤྱི་ཚོགས་མ་དངུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐེབས་རྩ།   ཁེ་ལས་དང་མི་སྒེར་གྱི་ཞལ་འདེབས་    སོགས་ཐབས་ལམ་སྣ་ཚོགས་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ནང་དུ་ཞུགས་པར་འདྲེན་འགུག་དང་སྐུལ་སློང་།     རྒྱབ་སྐྱོར་བྱེད་པ་དང་།    དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བུན་དང་དངུལ་རུབ་སོགས་ཀྱི་ཕྱོགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བར་སྐུལ་སློང་བྱ་ དགོས།  མང་ཚོགས་ཀྱི་རང་གྲབས་མ་དངུལ་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་དགོས།    


第二十七条  自治县人民政府征收的排污费、矿产资源费、水资源费、水土保持设施补偿费和水土流失防治费等,除依照法律法规规定应当上缴的部分外,其余资金全额用于生态环境的保护与建设,任何单位和个人不得截留、挤占或者挪作他用。

དོན་ཚན་ཉེར་བདུན་པ།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་འབག་བཙོག་ཕྱུང་ཕུད་རིན་པ་དང་།   གཏེར་ཁའི་ཐོན་ཁུངས་རིན་པ།   ཆུའི་ཐོན་ཁུངས་ཀྱི་རིན་པ།   ས་ཆུ་སྲུང་འཛིན་གྱི་སྒྲིག་ཆས་ཁ་གསབ་མ་དངུལ།   ས་ཆུ་ཤོར་བ་འགོག་བཅོས་ཀྱི་རིན་པ་སོགས་བསྡུས་པར།   བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཡར་སྤྲོད་པའི་ཁག་ཅིག་ལས་གཞན་ལྷག་མ་རྣམས་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་སྤྱོད་དགོས་ལ།  ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བཀག་ཉར་དང་ཧམ་འཛིན།  གཞན་སྤྱོད་སོགས་བྱ་མི་ཆོག  

第二十八条  自治县人民政府及其有关部门应当加强生态环境保护与建设领域人才队伍建设和智力引进,建立相关专业人才库,为发展现代生态畜牧业提供智力支持。

鼓励与省内外高等院校、科研机构就生态保护、良种培育、饲草种植、饲草料加工、养殖方式、疾病防控、防灾减灾等方面开展合作,促进先进畜牧业科学技术成果的应用和推广。


དོན་ཚན་ཉེར་བརྒྱད་པ།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་དང་ཐབས་ཤེས་འདྲེན་འགུག་ལ་ཤུགས་སྣོན་དང་།   འབྲེལ་ཡོད་ཆེད་ལས་འཇོན་མིའི་མཛོད་བཙུགས་ཏེ།   དེང་རབས་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་ཐབས་ཤེས་ཀྱིས་རྒྱབ་སྐྱོར་བྱ་དགོས།  

ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་།    རྒྱུད་བཟང་གསོ་སྤེལ།    གཟན་རྩྭ་འདེབས་འཛུགས།  གཟན་ཆས་ལས་སྣོན།   གསོ་སྤེལ་ཐབས་ལམ།  ནད་རིམས་སྔོན་འགོག   གནོད་འགོག་གནོད་སེལ་སོགས་ཀྱི་ཐད་ལ་མཉམ་འབྲེལ་བྱེད་པར་སྐུལ་སློང་བྱས་ནས།  སྔོན་ཐོན་ཕྱུགས་ལས་ཀྱི་ཚན་རིག་ལག་རྩལ་གྲུབ་འབྲས་བཀོལ་སྤྱོད་དང་ཁྱབ་སྤེལ་དུ་གཏོང་བར་སྐུལ་འདེད་བྱ་དགོས།

第二十九条 自治县人民政府应当建立资源环境承载能力监测预警机制,对草原资源超载区域、水资源和环境容量实行限制性措施,有序实现草原、河流、湖泊、泉水休养生息。

དོན་ཚན་ཉེར་དགུ་པ།   རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་འཇལ་བའི་ལྟ་ཞིབ་སྔོན་བརྡའི་རྐྱེན་སྲོལ་བཙུགས་ཏེ།   རྩྭ་སའི་ཐོན་ཁུངས་ཀྱི་ཐེག་ཚད་ལས་བརྒལ་བའི་ས་ཁོངས་དང་ཆུའི་ཐོན་ཁུངས།   ཁོར་ཡུག་གི་ཤོང་ཚད་ལ་ཚོད་འཛིན་རང་བཞིན་གྱི་ཐབས་ལམ་སྤྱད་ནས།   གོ་རིམ་ཡོད་པའི་སྒོ་ནས་རྩྭ་ཐང་དང་ཆུ་རྒྱུན། མཚེའུ།  ཆུ་མིག་བཅས་སོར་ཆུད་སྐྱེ་འཕེལ་བྱ་དགོས།

第三十条  自治县司法机关应当依法惩处破坏资源、污染环境的单位和个人。

自治县检察机关应当对破坏生态环境案件开展公益诉讼,鼓励法律援助机构和法律专业人士依法为环境污染受害人提供法律援助。

དོན་ཚན་སུམ་ཅུ་བ།  རང་སྐྱོང་རྫོང་ཁྲིམས་འཛིན་ལས་ཁུངས་ཀྱིས་ངེས་པར་དུ་ཐོན་ཁུངས་གཏོར་བརླག་དང་ཁོར་ཡུག་འབག་བཙོག་བཟོས་པའི་ལས་ཁུངས་དང་མི་སྒེར་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།     

རང་སྐྱོང་རྫོང་ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་གྱོད་དོན་ལ་སྤྱི་ཕན་གཏུག་བཤེར་སྤེལ་དགོས་པ་དང་།  བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་དང་བཅའ་ཁྲིམས་ཆེད་ལས་མི་སྣས་ཁྲིམས་ལྟར་ཁོར་ཡུག་བཙོག་བཟོའི་གནོད་པ་ཐེབས་མཁན་ལ་བཅའ་ཁྲིམས་རོགས་སྐྱོར་འདོན་པར་སྐུལ་སློང་བྱ་དགོས།


第三十一条 自治县公安机关应当加强草原治安工作,协助草原主管部门做好草原保护工作。

དོན་ཚན་སོ་གཅིག་པ།  རང་སྐྱོང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་རྩྭ་སའི་བདེ་སྲུང་བྱ་བར་ཤུགས་བསྣན་ཏེ། རྩྭ་སའི་གཙོ་གཉེར་ལས་ཁུངས་ལ་རམ་འདེགས་བྱས་ཏེ་རྩྭ་ས་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་དགོས།  


(续 མུ་འགོད)


Copyright 2015 青海省河南蒙古族自治县人民政 版权所有 青海省河南蒙古族自治县人民政府办公室制作

地址:青海省黄南州河南蒙古族自治县东大街152号 邮编:811500 电话:0973-8762592 8763856

青ICP备11000324号-1    青公网安备 63232402000001号

建议使用IE7或更高版本浏览器,1366×768以上分辩率浏览