中央人民政府 | 青海省人民政府 | 黄南州政务在线
您现在的位置:首页 / 信息公开 - 文章内容

河南蒙古族自治县生态环境保护条例(藏汉) (10-14)

来源:河南县委宣传部|时间:2017-08-17 09:34

河南蒙古族自治县生态环境保护条例(藏汉)

河南蒙古族自治县生态环境保护条例(10-14)

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག(10-14)


(2016年3月25日河南蒙古族自治县第十四届人民代表大会第六次会议通过  2016年5月25日青海省

第十二届人民代表大会常务委员会第二十六次会议批准)


(2016ལོའི་ཟླ3པའི་ཚེས25ཉིན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བ་དང་།  

2016ལོའི་ཟླ5པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་ཆོག་མཆན་བཀོད།)

第二章 规划与建设

ས་བཅད་གཉིས་པ།   འཆར་འགོད་དང་འཛུགས་སྐྲུན།

第十条 自治县人民政府根据上级人民政府环境保护规划,编制本行政区域的环境保护规划,报同级人民代表大会批准后公布实施。

环境保护规划的内容应当包括生态保护和污染防治的目标、任务、保障措施等,并与国民经济和社会发展规划、主体功能区规划相衔接。

དོན་ཚན་བཅུ་བ།   རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་གོང་རིམ་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་གཞིར་བཟུང་སྟེ།  རང་གི་སྲིད་འཛིན་མངའ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་གཏན་ལ་འབེབ་པ་དང་།  རིམ་མཉམ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཆོག་མཆན་བཀོད་རྗེས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་དགོས།

 ཁོར་ཡུག་སྲུང་སྐྱོབ་འཆར་འགོད་ཀྱི་ནང་དོན་ལ་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་འབག་བཙོག་འགོག་བཅོས་ཀྱི་དམིགས་འབེན་དང་ལས་འགན།  འགན་ སྲུང་བྱེད་ཐབས་སོགས་འདུ་དགོས་ལ།   དེ་དང་མཉམ་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད། སྲོག་ཤིང་རྩོལ་ནུས་ཁུལ་གྱི་འཆར་འགོད་བཅས་དང་ཕན་ཚུན་འབྲེལ་མཐུད་བྱེད་དགོས།

第十一条 自治县人民政府应当根据省人民政府发布的生态保护红线范围和管控制度,落实好红线勘界划定工作。按照自治县主体功能区规划,强化重要生态功能保育、资源集约激励和环境质量约束。

དོན་ཚན་བཅུ་གཅིག་པ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྐྱེ་ཁམས་སྲུབ་སྐྱོབ་ཐིག་དམར་གྱི་ཁྱབ་ཁོངས་དང་དོ་དམ་ཚོད་འཛིན་ལམ་ལུགས་གཞིར་བཟུང་ནས།  ཐིག་དམར་གྱི་ས་མཚམས་ཐིག་ལེན་གཏན་འཁེལ་བྱ་བ་དངོས་འབེབ་ལེགས་པོ་བྱེད་དགོས།  རང་སྐྱོང་རྫོང་གི་སྲོག་ཤིང་རྩོལ་ནུས་ཁུལ་གྱི་འཆར་འགོད་ལྟར།  སྐྱེ་ཁམས་རྩོལ་ནུས་སྙོར་གསོ་དང་ནུས་ཁུངས་ལེགས་བསྡུས་ཞིབ་གཉེར་ལ་སྐུལ་འདེད།  ཁོར་ཡུག་གི་སྤུས་ཚད་སྡོམ་གཅུན་གལ་ཆེན་ཇེ་དྲག་ཏུ་གཏོང་དགོས།  

第十二条 自治县人民政府应当编制本行政区域草原保护发展规划和湿地保护规划,加强草原和湿地的保护与管理。科学利用草原和湿地资源,提高植被覆盖率,发展生态畜牧业,恢复巩固草原、湿地生态功能,保持草原和湿地的自然特性和生态特征,防止生态功能退化。

དོན་ཚན་བཅུ་གཉིས་པ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་རྩྭ་ས་སྲུང་སྐྱོབ་ཀྱི་འཕེལ་རྒྱས་འཆར་འགོད་དང་བརླན་ས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་ཏེ།  རྩྭ་ས་དང་བརླན་སའི་སྲུང་སྐྱོབ་དང་དོ་དམ་ཇེ་དྲག་ཏུ་གཏོང་དགོས།  ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ས་དང་བརླན་སའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ།  སྤང་ཤུན་ཁེབས་ཚད་ཇེ་མཐོར་གཏོང་དགོས།  སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་ཏེ།  རྩྭ་ས་དང་བརླན་སའི་སྐྱེ་ཁམས་རྩོལ་ནུས་བསྐྱར་གསོ་དང་སྲ་བརྟན་དུ་གཏོང་དགོས།  རྩྭ་ས་དང་བརླན་སའི་རང་བྱུང་ ཁྱད་ཆོས་དང་སྐྱེ་ཁམས་ཁྱད་ཆོས་སྲུང་འཛིན་བྱས་ཏེ།  སྐྱེ་ཁམས་ཀྱི་རྩོལ་ནུས་ཞན་འགྱུར་གཏན་འགོག་བྱ་དགོས།  

第十三条 自治县人民政府及国土资源和环保林业、农牧科技部门应当组织调查本行政区域的野生动植物资源,建立资源档案,制定保护、发展和合理利用野生动植物资源规划。

因科学研究、驯养繁殖等特殊情况需要猎捕、采挖野生动植物的,应当依照有关法律、法规规定报有许可权的行政主管部门批准。

དོན་ཚན་བཅུ་གསུམ་པ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་རྒྱལ་ཁོངས་ཐོན་ཁུངས།  ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས།  ཞིང་ཕྱུགས་ཚན་རྩལ་སོགས་ལས་ཁུངས་ཀྱིས་ངེས་པར་དུ་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ལ་བརྟག་དཔྱད་རྩ་འཛུགས་བྱས་ནས།    ཐོན་ཁུངས་ཀྱི་ཡིག་ཚགས་བསྒྲིག་དགོས་ལ།  རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ལུགས་མཐུན་བཀོལ་སྤྱོད་དང་གོང་སྤེལ།  སྲུང་སྐྱོབ་ཀྱི་འཆར་འགོད་གཏན་ལ་འབེབ་དགོས།  

རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཚན་རིག་ཞིབ་འཇུག་དང་འདུལ་གསོ་རྒྱུད་སྤེལ་སོགས་གནས་ཚུལ་ཁྱད་པར་བའི་དབང་གིས་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་སྐྱེ་དངོས་བརྐོ་དགོས་ན།  ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཆོག་འཐུས་དབང་ཆ་ཡོད་པའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་འགོད་པར་ཡར་ཞུ་བྱ་དགོས། 

第十四条  自治县、乡(镇)人民政府应当按照批准的生态环境保护规划,科学组织实施本区域内的生态环境保护、利用和建设工作。

དོན་ཚན་བཅུ་བཞི་བ།  རང་སྐྱོང་རྫོང་དང་ཞིང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆོག་མཆན་བཀོད་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་འགོད་ལྟར།  རང་གི་སྲིད་འཛིན་མངའ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བེད་སྤྱོད།འཛུགས་སྐྲུན་བྱ་བ་ལག་བསྟར་བྱེད་པར་ཚན་རིག་གིས་རྩ་འཛུགས་བྱ་དགོས།

(续 མུ་འགོད)





Copyright 2015 青海省河南蒙古族自治县人民政 版权所有 青海省河南蒙古族自治县人民政府办公室制作

地址:青海省黄南州河南蒙古族自治县东大街152号 邮编:811500 电话:0973-8762592 8763856

青ICP备11000324号-1    青公网安备 63232402000001号

建议使用IE7或更高版本浏览器,1366×768以上分辩率浏览