中央人民政府 | 青海省人民政府 | 黄南州政务在线
您现在的位置:首页 / 信息公开 - 文章内容

河南蒙古族自治县生态环境保护条例(藏汉) (5-9)

来源:河南县委宣传部|时间:2017-08-16 09:01

河南蒙古族自治县生态环境保护条例(藏汉)

河南蒙古族自治县生态环境保护条例(5-9)

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག




(2016年3月25日河南蒙古族自治县第十四届人民代表大会第六次会议通过  2016年5月25日青海省第十二届人民代表大会常务委员会第二十六次会议批准)


(2016ལོའི་ཟླ3པའི་ཚེས25ཉིན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བ་དང་།  2016ལོའི་ཟླ5པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་ཆོག་མཆན་བཀོད།)

第一章  总 则

ས་བཅད་དང་པོ།   སྤྱིའི་རྩ་དོན།

第五条  自治县人民政府负责组织领导、协调统筹并实施全县生态环境保护工作,不断改善城乡生态、生活环境,防治污染和其它公害,实现人与自然和谐共生、资源和环境协调发展。

自治县人民政府国土资源和环保林业、农牧科技、水利、交通运输、发展和改革等相关行政主管部门和乡(镇)人民政府,按照各自职责,共同做好自治县生态环境保护的相关工作。

县域内的企业事业单位和其他社会组织应当积极参与生态环境保护,在实施项目建设时,依照环境保护法,做好保护工作,防止对生态环境造成破坏。

དོན་ཚན་ལྔ་བ།    རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་རྩ་འཛུགས་མགོ་ཁྲིད་དང་མཐུན་འགྲིག  གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱེད་པའི་འགན་འཁུར་ཏེ།  མཁར་ཞང་གི་སྐྱེ་ཁམས་དང་འཚོ་བའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་དང་།  འབག་བཙོག་དང་གཞན་པའི་སྤྱི་གནོད་འགོག་བཅོས་བྱས་ཏེ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་།  ཐོན་ཁུངས་དང་ཁོར་ཡུག་གི་མཐུན་འགྲིག་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།  

རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གི་རྒྱལ་ཁོངས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས།   ཞིང་ཕྱུགས་ཚན་རྩལ།   ཆུ་བེད།  འགྲིམ་འགྲུལ་སྐྱེལ་འདྲེན། འཕེལ་རྒྱས་དང་བཅོས་སྒྱུར་སོགས་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་ལས་ཁུངས་དང་ཞང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་རང་འགན་རང་འཁུར་ལྟར།   རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བ་འགན་འཁུར་ནས་ཐུན་མོང་གིས་ལེགས་སྒྲུབ་བྱེད་དགོས།  

རྫོང་ཁོངས་ནང་གི་ཁེ་ལས་དང་དོན་ལས་ལས་ཁུངས།  སྤྱི་ཚོགས་རྩ་འཛུགས་གཞན་པས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཧུར་བརྩོན་གྱིས་འཇུག་པ་དང་།   ལས་གཞི་འཛུགས་སྐྲུན་ལག་བསྟར་བྱེད་སྐབས།   ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལྟར།  སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ནས།  སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་དགོས།  



第六条  生态环境保护是全社会的共同责任,应当发挥政府、公众、社会组织和市场的作用。

单位和个人参与生态环境保护,享有知情权、参与权和监督权。


དོན་ཚན་དྲུག་པ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས།  ངེས་པར་དུ་སྲིད་གཞུང་དང་དམངས་བྱིངས་སྤྱི་ཚོགས་རྩ་འཛུགས།   ཁྲོམ་ར་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱ་དགོས།  

ལས་ཁུངས་དང་མི་སྒེར་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་གཞུག་པ་དང་།   ཚང་མར་གནས་ཚུལ་ཤེས་རྟོགས་བྱེད་པའི་དབང་ཆ་དང་།    ནང་ཞུགས་དབང་ཆ།   ལྟ་སྐུལ་བྱེད་པའི་དབང་ཆ་ཡོད།        


第七条  自治县人民政府应当加强生态环境保护宣传工作,普及生态环境保护知识。倡导低碳、节俭、绿色环保的生产生活方式,鼓励、引导消费者购买和使用节能环保产品,加快形成简约适度、绿色低碳、文明健康的消费行为。限制使用难以降解的一次性日用塑料品。

 དོན་ཚན་བདུན་པ།  རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱ་བར་ཤུགས་བསྣན་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས།   ཐཱན་དམའ་དང་གྲོན་ཆུང་། ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་ཐབས་དར་སྤེལ་དང་།  འཛད་སྤྱོད་པས་ནུས་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོབ་ཐོན་རྫས་ཉོ་བ་དང་བེད་སྤྱོད་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་དེ།  སྟབས་བདེ་ཚད་མཐུན་དང་ལྗང་མདོག་ཐཱན་དམའ།    དཔལ་ཡོན་བདེ་ཐང་གི་འཛད་སྤྱོད་བྱ་སྤྱོད་གང་མྱུར་གྱིས་ཆགས་སུ་འཇུག་དགོས།   རུལ་མི་ཐུབ་པའི་སྤྱོད་ཐེངས་གཅིག་ཅན་གྱི་རྒྱུན་སྤྱོད་འགྱིག་རྫས་བཀོལ་བ་ཚོད་འཛིན་བྱ་དགོས།


第八条  自治县人民政府应当建立生态资源破坏、污染环境有奖举报制度,鼓励社会各界依法参与和监督生态环境保护工作。对在生态环境保护工作中做出显著成绩的单位和个人给予表彰奖励。

དོན་ཚན་བརྒྱད་པ།   རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་དང་ཁོར་ཡུག་འབག་བཙོག་བཟོས་པར་གོང་ཞུའི་བྱ་དགའ་ལམ་ལུགས་བཙུགས་ཏེ།  སྤྱི་ཚོགས་ཀྱི་ཕྱོགས་སོ་སོས་ཁྲིམས་ལྟར་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ནང་ཞུགས་པ་དང་ལྟ་རྟོག་བྱེད་པར་སྐུལ་འདེད་བྱ་དགོས།  སྲུང་སྐྱོབ་བྱ་བའི་ཁྲོད་བྱས་རྗེས་མངོན་གསལ་བཞག་པའི་མི་སྒེར་དང་ཐུན་མོང་ལ་གཟེངས་བསྟོད་དང་དགའ་རྟགས་སྟེར་དགོས།

第九条  每年的四月份和九月份为自治县生态环境保护宣传活动月。

དོན་ཚན་དགུ་བ། ལོ་རེའི་ཟླ་བཞི་བ་དང་ཟླ་དགུ་བ་ནི་རང་སྐྱོང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱ་འགུལ་གྱི་ཟླ་ཡིན།(续 མུ་འགོད)




Copyright 2015 青海省河南蒙古族自治县人民政 版权所有 青海省河南蒙古族自治县人民政府办公室制作

地址:青海省黄南州河南蒙古族自治县东大街152号 邮编:811500 电话:0973-8762592 8763856

青ICP备11000324号-1    青公网安备 63232402000001号

建议使用IE7或更高版本浏览器,1366×768以上分辩率浏览